65666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུན་ཁུར་ནང་སྡེབ་ (1)
Part of speech མིང་ཚིག
Definition བརྩི་བྱ་སོ་སོའི་སྐྱེས་དུས་གནམ་ལོ་སྟེ། དཀྱུས་མ་ལོ་ནི་འདུན་ཁུར་ལོ་བཅུ་གཉིས་ལ་གཏོགས་པའི་བུ་བུ་མོ་ཕན་ཚུན་གཉེན་སྒྲིག་བྱེད་པ་ལ་ཟེར་བ་ཡིན། སྤྱིར་མག་བག་དེ་རིགས་མཐུན་སྦྱོར་གཉེན་ལམ་མེད་པས་བཟའ་སྒྲིག་བྱེད་མི་རུང་བར་སྤང་དགོས། གལ་ཏེ་མ་སྤངས་པར་ཆང་ས་བརྒྱབ་ན། མག་བག་གཉིས་ཀྱི་ཕ་ཁུ་གྲིར་འཆི་བར་འགྱུར་བས། བཅོས་སུ་སྙིང་རྗེ་པད་མ་དཀར་པོ་དང་། བཙན་རྐྱ་བདུན་གྱི་མདོས་བྱ་དགོས། དེ་ལྟའི་གཉེན་སྡེབ་ནི་མག་པ་ཤིང་འབྲུག་ལོ་པ་ཡིན་པར་ཆ་བཞག་ན། ཆུང་མར་བསུ་རྒྱུའི་བག་མ་དེ་ཆུ་སྦྲུལ་ལོ་མ་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག