65667

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུན་ཁུར་ལོ་ (1)
Part of speech མིང་ཚིག
Definition ལོ་རྒན་དྲུག་ཅུ་པོ་སྲོག་དབང་གཉིས་ཀའི་ཁམས་ཀྱི་འབྲེལ་བ་ལ་བརྟེན་ནས་ཁག་ལྔར་བསྡུས་པའི་ནང་གསེས་ཤིག་སྟེ། དབང་ཁམས་ནི་སྲོག་ཁམས་ཀྱི་དགྲར་འགྲོ་བའི་ལོ་དག་ལ་ཟེར་བ་ཡིན། ལོ་འགྲོས་བཅུ་གཉིས་ལ་ལྟོས་པའི་དེ་ལྟའི་ལོ་བཅུ་གཉིས་ཡོད་པ་ནི་ཤིང་གི་གཤེད་བཞི་དང་། མེ་ཡི་བྱ་སྤྲེལ། ས་ཡི་བྱི་ཕག ལྕགས་ཀྱི་སྟག་ཡོས། ཆུ་ཡི་རྟ་སྦྲུལ་བཅས་ཡིན་ཞིང་། དེ་དག་ལས་གང་ཞིག་གནམ་ལོར་ཤར་བའི་སྟེང་དུ་སྐྱེས་པའི་བརྩི་བྱ་དག་སྤྱིར་བློ་གསལ་ཞིང་ཡིད་གཞུངས་པ་དང་། བགྱིས་པའི་ལས་ལ་འབྲས་བུ་མེད་ཀྱང་འགྱོད་སྣང་མེད་པ་ཞིག་ཡིན། ཚེ་དཀྱིལ་དུ་ཟས་ནོར་ལ་གང་སྟོངས་ཆེ་བས་བསེ་རགས་གནོད། ཕ་མེས་ཀྱི་ཁ་མཆུ་རྙིང་བར་བརྟེན་ནས་གྲི་མཚོན་གྱིས་གསོད་པའམ་ཡུལ་མཁར་འཕོ་ཞིང་ཉེ་བ་དགྲར་ལྡང་བ་འོང་། ཕོ་གཅོང་དམུ་ཆུ་སྐྲན་སོགས་ཀྱི་ནད་འབྱུང་། ས་བདག་ཀླུ་གཉན་གནོད་ཅིང་བན་བོན་སྲུང་མ་འགོ །ཡང་ན་བྱེ་བྲལ་ལམ་ཁ་སྨྲས་དང་བག་མ་བླངས་ཉེས་ཀྱིས་བུ་ཚ་ལྷག་ཆད་ཅན་འོང་། གཡང་ཉམས་པས་ཚོང་ཉེས་ནོར་གོད་དང་སྐྱིད་སྡུག་གང་མང་འབྱུང་། དེ་དག་བཟློག་པའི་རིམ་གྲོར་འབུམ་རྒྱས་འབྲིང་བསྡུས་གསུམ་དང་། གཏོར་སྒྲུབ། གཡང་འགུགས། སྲུང་མའི་བསྐང་འཕྲིན། དགྲ་ལྷ་དཔང་བསྟོད་བཅས་བྱ་དགོས། བྱེ་བྲག་ཏུ་སྲོག་ཁམས་ཀྱི་དགྲར་འགྲོ་བའི་དབང་ཁམས་དེ་འབྱུང་བ་ལྔ་ལས་གང་ཡིན་ལ་བརྟེན་ནས་འདུན་ཁུར་ལོ་བཅུ་གཉིས་པོ་ཡང་ཕ་ཁུའི་འདུན་ཁུར་དང་། བཟའ་ཚང་གི་འདུན་ཁུར། མ་ཕྱིའི་འདུན་ཁུར། ཞང་གཉེན་གྱི་འདུན་ཁུར། ནོར་རྫས་ཀྱི་འདུན་ཁུར་བཅས་ཁག་ལྔར་དབྱེ་བ་ལ་རང་འབྲས་རེ་ཡོད།
Domain རྩིས་རིག