From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདུན་པ་ (1)
| Part of speech
|
མིང་ཚིག
|
| Definition
|
དོན་གཉེར་འདོད་པ་དང༌། རེ་བ་བྱེད་པའི་དོན་ཏེ།
|
| Example
|
ཆོས་ལ་འདུན་པ། དགེ་བའི་བྱ་བ་ལ་འདུན་པ་ཞེས་པ་ལྟ་བུ།
|
འདུན་པ་ (2)
| Part of speech
|
མིང་ཚིག
|
| Definition
|
སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་དྲུག་སྡེ་ཞེས་པའི་ཡ་གྱལ་ཞིག་གི་མིང་།
|
འདུན་པ་ (3)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། འདུན་པ་ཞེས་པ་ནི། བསམས་པའི་དངོས་པོ་ལ་དམིགས་ནས་དོན་དུ་གཉེར་བའི་རིག་པ་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། འདུན་པ་གང་ཞེ་ན། འདོད་པའི་དངོས་པོ་ལ་དེ་དང་དེ་ལྡན་པར་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། འདུན་པ་དེ་ལ་དབྱེ་ན། ཕྲད་པར་འདོད་པའི་འདུན་པ། མི་འབྲལ་བར་འདོད་པའི་འདུན་པ། དོན་དུ་གཉེར་བའི་འདུན་པ་དང་གསུམ་ལས། དོན་དུ་གཉེར་བའི་འདུན་པ་ལ་ཡང་འདོད་པ་དོན་དུ་གཉེར་བ་དང། ལྟ་བ་དོན་དུ་གཉེར་བ་སོགས་མང་དུ་ཡོད།
|
| Domain
|
ཆོས་ལུགས།
|