65674
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་གིས་དགེ་འདུན་ཀྱི་ལས་ཀྱི་གནས་ནས་འདུན་པ་ཕུལ་ཟིན་པའི་རྗེས་སུ་འདུན་པ་ཕྱིར་བསྒྱུར་ནས་དོན་གོ་བ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་འདུན་ལས་ལ་འདུས་པ་ལ་འདུན་པ་ཕུལ་ཟིན་པའི་རྗེས་སུ་ཕྱིར་བསྒྱུར་བའི་ཚིག་སྨྲས་པ་དོན་གོ་བ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དགའ་བོས་དགེ་འདུན་ལ་འདུན་པ་ཕུལ་ནས་ཕྱིར་བསྒྱུར་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་ལ་གནོད་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |