From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།
|
འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་མཚན་ཉིད་དང་ལྡན་པའི་ལས་བསྒྲུབ་བྱ་དགེ་སློང་ལ་བསྒྲུབ་པ་ལ་རང་གིས་འདུན་པ་ཕུལ་ནས་ལས་དེ་བྱས་ཟིན་པའི་དུས་ན་རང་གིས་ཕུལ་བའི་འདུན་པ་ཕྱིར་བསྒྱུར་བའི་ཚིག་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ངོ་བོ་ནི། དགེ་སློང་གིས་དང་པོར་དགེ་འདུན་ལ་ལས་ལ་མི་མཐུན་པ་མེད་པའི་འདུན་པ་ཕུལ་རྗེས་སུ་སླར་འདུན་པ་ཕྱིར་ལྡོག་པར་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
|
| Domain
|
ཆོས་ལུགས།
|