65677

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུན་པ་མང་པོའི་སྔ་ལྟས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་མཚན་མའི་སྔ་ལྟས་ལྔའི་ཡ་གྱལ་ཞིག་སྟེ། འགྲོ་བ་ཀུན་བདག་ལ་དགའ་བར་སེམས་པས་ཀུན་གྱིས་གུས་པས་འདུད་པ་དང༌། ཀུན་གྱིས་བདག་ལ་ཡིད་དུ་འོང་ཞིང་འཐད་པར་མཐོང་བ་དང་། བདག་ཉིད་ཀྱིས་འགྲོ་བ་ཀུན་ལ་ཇི་ལྟར་འདུལ་བ་ལྟར་དབང་བསྒྱུར་བའི་གཙོ་བོ་མཆོག་གྲུབ་པའི་ལྟས་དག་འབྱུང་བའོ། །
Domain ཆོས་ལུགས།