65680
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་ལྔའི་ཡ་གྱལ་ཞིག་སྟེ། ཚོགས་ལམ་འགྱུར་དབང་མ་ངེས་པའི་སར་རྣལ་འབྱོར་དྲུག་ཐོབ་པའི་དང་པོ་ཡིན། འདི་ནི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་ལྟ་བ་ཆོས་ཉིད་ཀྱི་མིང་ཙམ་མོས་ཤིང་འདུན་པར་གནས་པས་འདུན་པ་སེམས་པའི་རྣལ་འབྱོར་ཞེས་བྱ། ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷ་སྒོམ་སྐབས། ཉམས་གཡོ་བ་མི་བརྟན་པ་ལྷ་ཁ་དོག་ཙམ་ལས་དབྱིབས་མི་གསལ་བར་ཡིད་ལ་བྱེད་པ་ཙམ། ཉམས་ནི་བྱ་བ་བྱེད་པའི་ཏིང་ངེ་འཛིན་ལ་སྦྱོར་བ་དང་འཕྲོ་འདུ་ནི་དབུགས་ཀྱི་བསྙེགས་ཚད་དུ་བྱེད། ཁྱོན་ནི་ཁྲུ་བཞི་སྟེ་རང་གི་ལུས་པོ་ཙམ་དུ་སྒོམ། གྲངས་ནི་ལྷ་གཅིག རྣམ་པའི་ཁྱད་པར་ནི་རྟོག་པའི་ལྷའོ། །མཚན་མེད་ཆོས་ཉིད་སྒོམ་སྐབས་གཡོ་བ་བྱང་ཆུབ་ཀྱི་སེམས་དཔེ་སྐར་མ་རབ་རིབ་ལྟར་འཆར་ལ། ལྟ་བ་ནི་གསང་བ་མཆོག་གི་དེ་ཁོ་ན་ཉིད་ཀྱི་མིང་ཙམ་དུ་འཛིན་པ་དང༌། སྒོམ་པ་ནི་བྱ་བ་བྱེད་པའི་ཏིང་ངེ་འཛིན་དང༌། སྤྱོད་པ་ནི་བསོད་ནམས་ཀྱི་དཔུང་གིས་རྣམ་པར་དཀར་བའི་སྤྱོད་པའོ། །ཉམས་དང་རྣལ་འབྱོར་ཕྲ་མོ་ཀུན་མཚན་བཅས་ཀྱི་སྐབས་དང་ཐུན་མོང་ཡིན་པར་གསུངས། |
| Domain | ཆོས་ལུགས། |