65683

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུན་པ་སྐྱེད་པའི་གནས་སྐབས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བྱང་ཆུབ་སེམས་ཀྱི་གནས་སྐབས་བཅུའི་ཡ་གྱལ་ཞིག་སྟེ། ཡུལ་ཆོས་ཉིད་རྟོགས་པར་འདོད་ནས་ཐུན་མོང་མ་ཡིན་པའི་སྒོ་འདིར་མོས་ཤིང་འབྲས་བུ་ལ་འདུན་པ་བསྐྱེད་པས་འདུན་པ་སྐྱེད་པའི་གནས་སྐབས་ཞེས་བྱ། འདིའི་སྐབས་སུ་ཚོགས་ལམ་ས་དང་པོ་འགྱུར་དབང་མ་ངེས་པའི་སར་དཔེ་མུན་པའི་སྤྲིན་རུམ་གསེབ་ནས་སྐར་མ་ཕྲ་མོར་སྣང་བ་ལྟ་བུར་ཆོས་ཉིད་ཀྱི་དོན་རྟོགས་པའི་གཡོ་བ་བྱང་ཆུབ་ཀྱི་སེམས་སོགས་ཐོབ་པར་གསུངས།
Domain ཆོས་ལུགས།