65688

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུན་པས་ཕྱོགས་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་དང་པོ་ཚོགས་ལམ་ལ་གནས་པའི་བྱང་སེམས་ཏེ། མདོ་འགྲེལ་མུན་པའི་གོ་ཆ་ལས། བླ་མ་དང་གསང་བ་ལ་འདུན་པའི་རྒྱུས་ཡང་དག་པའི་དོན་ལ་ཕྱོགས་པའི་རྣལ་འབྱོར་དང་པོ་པ་དང༌། ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། བླ་མ་དང་གསང་སྔགས་ལ་འདུན་པའི་རྒྱུས་ཡང་དག་པའི་དོན་ལ་ཕྱོགས་པས་རྣལ་འབྱོར་དང་པོ་པ་འདུན་པས་ཕྱོགས་པ་དག་དང༌། ཞེས་གསུངས། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་ལམ་བགྲོད་པའི་དུས་ཀྱི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག
Domain ཆོས་ལུགས།