6569

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉིས་སུ་མེད་པའི་ངོ་བོ་ཆོས་ཀྱི་དབང་པོའི་ཆོས་མི་གཉིས་པར་འགྲོ་བ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་གཉིས་སུ་མེད་པའི་ངོ་བོ་ཆོས་ཀྱི་དབང་པོའི་ཆོས་མི་གཉིས་པར་འགྲོ་བ་བཅུ་སྟེ། ༡ འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལུང་སྟོན་ཏེ། མི་གཉིས་པར་འགྲོ་བ། ༢ སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་སེམས་དང་། བསམ་པ་སྣ་ཚོགས་མེད་བཅུ་རྡུལ་ཡབ་བརྗོད་དུ་མེད་པར་གཤེགས་པ་མི་ཤེས་པ། ༣ ཆོས་ཀྱི་དོན་མ་ལུས་པ་ཐམས་ཅད་ལས་རྫོགས་པར་སངས་རྒྱས་པའི་སྐུ་གཉིས་པ། ༤ འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ངོ་བོ་དང་དེ་བཞིན་གཤེགས་པའི་ཡེ་ཤེས་གཉིས་སུ་མེད་པ། ༥ འབྱུང་བའི་སྐད་ཅིག་མའི་མཐའི་ཡེ་ཤེས་མི་གཉིས་ཤིང་ཐོག་མའི་མཐའ་དང་། ཐ་མའི་མཐའ་དང་། ད་ལྟར་བྱ་བ་གཉིས་སུ་མེད་པ། ༦ དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། ༧ སངས་རྒྱས་གཅིག་གི་ཞིང་གི་རྗེས་སུ་འགྲོ་བ་བསྟན་པའི་ཡེ་ཤེས་གཉིས་སུ་མེད་པ། སངས་རྒྱས་གཅིག་གི་གསུང་དང་། སངས་རྒྱས་ཐམས་ཅད་ཀྱི་གསུང་གཉིས་སུ་མེད་པ། ༨ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུལ་བ་དང་། རབ་ཏུ་རིགས་པ་དང་། རྣམ་པར་རིག་པ་གཉིས་སུ་མེད་པ། ༩ འཇིག་རྟེན་ཐམས་ཅད་ཀྱི་ཆོས་ཉིད་དང་། སངས་རྒྱས་ཀྱི་ཆོས་ཉིད་གཉིས་སུ་མེད་པ། ༡༠ འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་དང་། གཅིག་གི་དགེ་བའི་རྩ་བ་གཉིས་སུ་མེད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཉིས་སུ་མེད་པའི་ཆོས་ཀྱི་དབང་པོའི་ཆོས་ཀྱིས་མི་གཉིས་པར་གཤེགས་པའོ། །
Domain ཆོས་ལུགས།