65692
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མངོན་པ་མཛོད་ནས་བཤད་པའི་རི་རབ་ཀྱི་རྩེ་མོར་ལྟ་ན་སྡུག་པའི་གྲོང་ཁྱེར་གྱི་ཕྱི་རོལ་ལྷོ་ནུབ་མཚམས་དཔག་ཚད་བཅུ་གཉིས་སུ་ལྷ་རྣམས་འདུ་བའི་གནས་ཤིག་སྟེ། དེར་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་འཁོད་ནས་བྱ་བ་དང་བྱ་བ་མ་ཡིན་པ་བགྲོ་བར་བྱེད་པའི་ལྷའི་འདུན་ས་ཆོས་བཟང་ངོ་། །དེའི་ཞེང་དུ་དཔག་ཚད་སུམ་བརྒྱ་མཐའ་སྐོར་དུ་དགུ་བརྒྱ་ཡོད་པ་དང་། ལྷའི་གྲོང་ཁྱེར་ལས་དཔག་ཚད་ཕྱེད་དང་བཞིས་གྱེན་དུ་འཕགས་པ་མཛེས་ཤིང་བལྟ་ན་སྡུག་པ་ས་གཞི་དང་ཡ་ཐོག་དང་། བགབ་པ་དང་སྤྱི་བསྡུས་ཀྱི་གདུང་དང་ཡང་ཐོག་གི་རྩེ་བཞི་དང་ཕྱམ་རྟེན་དང་ཕྱམ་དགུ་པོ་ཐམས་ཅད་ཤེལ་ལས་བྱས་པས། སྤྲིན་དཀར་པོའི་ཕུང་པོ་ལྟར་དཀར་བ། རིན་པོ་ཆེ་སྣ་བཞིའི་ལན་ཀན་གྱིས་བསྐོར་བ་ཕྱམ་དགུ་པོ་རེ་རེའང་ཀ་བ་བཅུ་དྲུག་བཅུ་དྲུག་གིས་བརྟེན་པ། དབུས་ན་བཻཌཱུརྱའི་ཀ་བ་ཟུར་བརྒྱད་པ་གསལ་ཞིང་འཕན་མེད་པ་སྤྱི་བསྡུས་ཀྱི་གདུང་ལ་སྐྲ་རྩེ་ཙམ་གྱིས་མ་རེག་པ་དེའི་དྲུང་ན་བརྒྱ་བྱིན་ཆོས་སྟོན་པའི་གསེར་གྱི་ཁྲི་བཤམས་པ་སོགས་ཕྱི་ནང་གི་བཀོད་པ་བསམ་གྱིས་མི་ཁྱབ་པའོ། ། |
| Domain | ཆོས་ལུགས། |