65713

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུར་ལུགས་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྩིས་ཀྱི་རྒྱུད་སྡེ་རྣམས་ནས་གསུངས་པའི་དུར་འདེབས་ལུགས་ལྔ་སྟེ། རྒྱ་དཀར་པོའི་ལུགས་མེ་འདུར་དང་། བལ་པོའི་ལུགས་ཆུ་འདུར། ཨུ་རྒྱན་གྱི་ལུགས་རྫས་འདུར། རྒྱ་ནག་གི་ལུགས་སྒྲུབ་འདུར། བོད་ཀྱི་ལུགས་ས་འདུར་བཅས་ཡིན། དུར་དེ་དག་ལ་ཡུལ་དེ་དག་གི་ལུགས་སུ་བརྗོད་དོན་ནི་མཁས་པ་མི་བཞི་སོགས་ཀྱི་ཡར་སྔོན་ལ་རྩིས་ཚུལ་ཆེར་མ་དར་བ་དང་། དེ་བཞིའི་དུས་སུ་ཡུལ་དེ་དང་དེ་རུ་དུར་འདེབས་ལུགས་དེ་དང་དེ་དར་སོ་ཆེ་བའི་དབང་གིས་སྦ་བའི་ངེས་པ་མེད་པར་དུར་ལྔ་ཆ་ཚང་བྱེད་སྲོལ་ཡོད་པ་ཇི་བཞིན་ཡུལ་གཞན་དག་ཏུ་ཡང་གཅིག་མཚུངས་ཡིན་ཞེས་གཡའ་སེལ་དུ་གསུངས་འདུག
Domain རྩིས་རིག