65755

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུལ་བ་མཁན་པོ་ཐུབ་བསྟན་ཉི་མ་ (1)
Part of speech མིང་ཚིག
Definition འདི་བ་བྱང་ཕྱོགས་སྦོ་རད་ཛ་ག་རས་ཤི་ནེ་བླུ་ས་ཞེས་པར་འཁྲུངས། ཕྱི་ལོ་ ༡༩༢༢ ལོར་བོད་དུ་བྱོན་ནས་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གྱིས་ཕྱི་ལོ་ ༡༩༤༨ ལོར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། གསུང་ལས་སྐྱེས་པའི་སློབ་མ་ཧོར་དགེ་འདུན་དཔལ་འབྱོར་སོགས་མང་དུ་བྱོན། འདུལ་བ་གྲྭ་ཚང་གི་མཁན་པོའི་ཁྲིར་བཞུགས། ཕྱི་ལོ་ ༡༩༥༩ ལོར་བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན་གྱི་ཕྱག་ལས་གནང། རིག་གནས་གསར་བརྗེ་སྐབས་དམར་སྲུང་དམག་གིས་ཁྲོམ་སྐོར་དུ་ཁྲིད་པ་དང་གསང་སྤྱོད་འདོན་དུ་བཅུག་པ་སོགས་སྐུ་ངལ་ཚད་མེད་མྱངས་ཏེ་དགོངས་པ་རྫོགས།