From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ཐོ་གར་གྱི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དྷརྨ་མི་ཏྲས་མཛད་པའི་འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ། དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་འདུལ་བ་ཡུ་པར་བཞུགས།
|
འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ་ (2)
| Part of speech
|
མིང་ཚིག
|
| Definition
|
འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ། བསྟན་འགྱུར་འདུལ་བ་འུ་པར་བཞུགས།
|