From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདུས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྱོགས་གང་ས་ནས་མི་མང་པོ་མཉམ་དུ་འཚོག་པའི་དོན།
|
| Example
|
མི་མང་ཚོགས་ཁང་དུ་འདུས་པ། མི་མང་ཁྲོམ་དུ་འདུས་པ་ལྟ་བུ།
|
འདུས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
གསང་བ་འདུས་པ་ཞེས་པའི་བསྡུས་ཚིག་སྟེ། བླ་མེད་ཕ་རྒྱུད་ཀྱི་ལམ་དང་འབྲས་བུའི་གསང་བའི་གནད་ཐམས་ཅད་འདུས་པའི་རྒྱུད་དང་། དེའི་ཡི་དམ་ཞིག་གི་མིང་།
|
འདུས་པ་ (3)
| Part of speech
|
མིང་ཚིག
|
| Definition
|
ལུས་ཀྱི་མིང་སྟེ། འབྱུང་བ་ལྔ་འདུས་པ་ལས་ལུས་ཆགས་པ་པ་སྟེ་རྡོ་ལས་རུས་པ་དང་། ས་ལས་ཤ། ཆུ་ལས་ཁྲག མེ་ལས་དྲོད། རླུང་ལས་དབུགས། ནམ་མཁའ་ལས་སེམས་བཅས་འབྱུང་བས་སོ།
|
| Type
|
མངོན་བརྗོད།
|
འདུས་པ་ (4)
| Part of speech
|
མིང་ཚིག
|
| Definition
|
སྙན་ངག་མེ་ལོང་དུ་བསྟན་པའི་ཚིགས་བཅད་ཇི་ལྟར་རྩོམ་ཚུལ་གྱི་རྣམ་གཞག་ཅིག་སྟེ། བརྗོད་བྱའི་དོན་གཅིག་ལ་རྗོད་བྱེད་ཀྱི་ཚིགས་བཅད་དམ་ཤོ་ལོ་ཀ་དང་། བྱ་ཚིག་མང་པོའི་སྒོ་ནས་བརྗོད་དོན་གསལ་བར་སྟོན་པ་ཞིག་ཡིན།
|
| Example
|
དུང་དཀར་ཚང་གིས། མ་བཅོས་ལྷུན་གྱིས་གྲུབ་པའི་བྲག་རིའི་སྤོར། །ངོ་མཚར་བཀོད་པས་རབ་མཛེས་ཁང་བཟང་ནི། ། ཆེ་ཞིང་དབྱིབས་མཚུངས་མར་གྱིས་བརྩིགས་འདྲ་བ། །འདི་ཀོ་རྨི་ལམ་གཟུགས་སུ་གྲུབ་བམ་སྙམ། ། ཁོ་ར་ཁོར་ཡུག་ལྗོན་ཤིང་ཕྲེང་བ་དང་། །ཡིད་འོང་ཁྱམས་ཀྱིས་བསྐོར་བའི་བར་དག་ན། ། མེ་ཏོག་བཟང་པོའི་བསུང་ཞིམ་འཐུལ་བ་ཡིས། །དྲི་འཛིན་ལམ་དུ་སིམ་པའི་དགའ་བ་སྟེར། ། རྨ་བྱའི་མགྲིན་པ་ཇི་བཞིན་ཡིད་འཕྲོག་པའི། །སྔོ་ལྗང་ཀུ་ཤ་གཞོན་ནུའི་ལུས་ཅན་རྣམས། ། བསེར་བུས་བསྐྱོད་པས་མགོ་བོ་འདུད་པ་དང་། །བཅས་ཏེ་ཆུ་ཐིགས་འཐོར་བའི་རྩེད་འཇོ་སྟོན། །ཞེས་ཚིག་རྐང་ཐ་མ་བཞིའི་མཐར་བྱ་ཚིག་རེ་ཡོད་པ་ལ་བརྗོད་བྱ་སྐྱེད་ཚལ་གཅིག་ཉིད་ལ་སྦྱར་བ་ལྟ་བུའོ། །
|
| Domain
|
རྩོམ་རིག
|