From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཉུག་མ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
གློ་བུར་བ་མིན་པའམ་གཏན་འཇགས་ཀྱི་དོན་ཏེ།
|
| Example
|
ས་ཆ་དེར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་མི་ཚོགས་མང་པོ་འདུག་ལྟ་བུ།
|
གཉུག་མ་ (2)
| Part of speech
|
རྒྱན་ཚིག
|
| Definition
|
མ་བཅོས་པའི་ཐོག་མའི་རང་བཞིན་ནམ་གདོད་མའི་གཤིས་ལུགས་ཀྱི་དོན་ཏེ།
|
| Example
|
གཉུག་མའི་སེམས་ལྟ་བུ།
|
གཉུག་མ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། གཉུག་མ་ཞེས་པ་ནི་སྒྲོ་སྐུར་དང་བྲལ་བའི་ཤེས་པ་འདི་ལ་ཟེར་བ་ཡིན། ཡོད་ཅེས་བྱ་རྒྱུ་ལ་དངོས་པོ་འདི་འདྲ་བ་གཅིག་ཡིན་བྱ་བ་གྲུབ་པ་མེད་པས་སྒྲོས་འདོག་དུ་མི་སྣང་། མེད་ཅེས་བྱ་བ་རྒྱུ་ལ་རྒྱུན་ཆད་པ་མེད་པར་ཙམ་ཡང་སྣང་གིན་འདུག་པས་སྐུར་པ་བཏབ་དུ་མི་སྣང་། སྒྲོ་སྐུར་དང་བྲལ་བའི་ཤེས་པ་གཉུག་མ་འདི་གོམས་པར་བསྐྱངས་ནས་སྣང་གྲགས་ཀྱི་དངོས་པོ་འདི་ཐམས་ཅད་ལ་འདི་སྤང་འདི་བླང་བྱ་བ་མེད་པར་ཐམས་ཅད་བསྒོམ་དུ་འཆར་ཞིང་འདུག དེ་ལྟར་ཡིན་པར་ཡང་དོ་ཧ་ལས། གཉུག་མའི་ཡིད་ནི་གང་ཚེ་བསྐྱང་གྱུར་ན། །དེ་ཚེ་བླ་མའི་མན་ངག་སྙིང་ལ་འཇུག།།ཅེས་གསུངས་སོ། །
|
| Domain
|
ཆོས་ལུགས།
|