65880
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱེ་བྲག་སྨྲ་བའི་སློབ་དཔོན་ཞིག་སྟེ། སློབ་དཔོན་དབྱིག་གཉེན་གྱི་བླ་མའི་གཙོ་བོ་ཞིག་་ཡིན། འདི་ནི་ཁ་ཆེའམ་ཀསྨིར་ཡུལ་གྱི་རྒྱ་གར་གྱི་ནང་པའི་སློབ་དཔོན་མཁས་གྲགས་ཅན་ཞིག་ཡིན། ངེས་ཚིག་ནི། སང་གྷ་ནི་འདུས་པ་དང་། མཉམ་དུ་འཚོགས་པ། དགེ་འདུན་བཅས་ལ་བསྒྱུར་ཅིང་། བྷ་དྲ་ནི་བཟང་པོའི་དོན་ཡིན་པས། འདུས་བཟང་ངམ། དགེ་འདུན་བཟང་པོ་ཞེས་ཀྱང་བྱའོ། །སློབ་དཔོན་ནི་ཀསྨིར་སྟེ་ཁ་ཆེའི་མི་རིགས་ཡོད་སྨྲ་བའི་སྡེ་པ་ལྷག་མཐོང་ཊཱིཀ་ཆེན་མཛད་པ་པོ་ཡིན། བུ་སྟོན་ཆོས་འབྱུང་དུ་སློབ་དཔོན་འདུས་བཟང་ནཱ་ལེནྡྲར་སྐུ་གཤེགས་པར་གསལ་བར་གསུངས་པ་དང་། ཐང་སན་ལམ་ཡིག་ཏུའང་དེའི་ཕྱོགས་སུ་སྣང་ཞིང་། འོན་ཀྱང་ཏཱ་ར་ནཱ་ཐའི་ཆོས་འབྱུང་དུ་ཁ་ཆེའམ་ཀསྨིར་དུ་སྐུ་གཤེགས་པ་ལྟ་བུར་སྣང་བ་སོགས་བརྟག་པར་བྱ་བ་མང་དུ་སྣང་བས་དཔྱད་པར་འཚལ་ལོ། ། |