65885
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། རང་གི་མཚན་གཞི་འདུས་བྱས་སུ་འཇོག་པར་བྱེད་ནུས་པའི་ལྡན་མིན་འདུ་བྱེད་གང་ཞིག རྗེས་མཐུན་གྱི་སྐྱེ་སོགས་བཞི་པོ་གང་རུང་མ་ཡིན་པ་དེ་འདུས་བྱས་ཀྱི་མཚན་ཉིད་ཀྱི་མཚན་ཉིད། མཚན་གཞི་ནི་བུམ་པ་དང་སྣམ་བུ་ལ་སོགས་པའི་སྐྱེ་སོགས་བཞི་པོ་མཐའ་དག་སྐབས་འདིར་བསྟན་གྱི་འདུས་བྱས་ཀྱི་མཚན་ཉིད་ཀྱི་མཚན་གཞི་ཡིན་ཞིང། སྤྱི་ཡང་འདུས་བྱས་ཀྱི་མཚན་ཉིད་ཀྱི་མཚན་གཞི་ཡིན་ཏེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་སོགས་བཞི་པོ་གང་རུང་ཡིན་པའི་ཕྱིར་ཏེ། བུམ་པའི་སྐྱེ་བ་སོགས་ཀྱང་འདུས་བྱས་ཀྱི་སྐྱེ་བ་སོགས་སུ་ཁས་ལེན་དགོས་པའི་ཕྱིར། དེས་ན་གོང་གི་མཚན་ཉིད་ཀྱི་མཚན་ཉིད་ཅེས་པ་དེ་ལ་ཁྱབ་པ་ཆུ་ཐུབ་དགོས་ཤིང། མཚན་ཉིད་སྐྱེ་སོགས་འཆད་པའི་སྐབས་ཀྱི་མཚན་ཉིད་ལ་ཁྱབ་པ་སྒོ་བཞི་ཐུབ་པ་མི་དགོས་ཏེ། རྟོག་གེའི་གཞུང་དུ་རང་མཚན་ཀུན་རང་གི་མཚན་ཉིད་དང། སྤྱི་མཚན་ཀུན་ལ་སྤྱིའི་མཚན་ཉིད་དུ་འཆད་པའི་སྐབས་དང་འདྲ་བ་ཡིན་ནོ། །མཚན་གཞི་ནི་རང་གི་མཚན་གཞིའི་འདུས་བྱས་དེ་མ་འོངས་པ་ནས་ད་ལྟ་རུ་འདྲེན་པར་བྱེད་པའི་རྫས་དེ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བའི་མཚན་གཞི་ཡིན། དེ་བཞིན་དུ་རང་གི་མཚན་གཞིའི་འདུས་བྱས་དེ་ད་ལྟར་གནས་པར་བྱེད་པའི་རྫས་དེ་གནས་པའི་མཚན་གཞི། རང་གི་མཚན་གཞིའི་འདུས་བྱས་དེ་ད་ལྟར་རྙིང་པར་བྱེད་པའི་རྫས་དེ་རྒ་བའི་མཚན་གཞི། རང་གི་མཚན་གཞིའི་འདུས་བྱས་དེ་ད་ལྟར་ནས་འདས་པར་འཇུག་པར་བྱེད་པའི་རྫས་དེ་མི་རྟག་པའི་མཚན་གཞི་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། ༡ ཀུན་བཏུས་ལུགས་ལ། སྐྱེ་བ་ནི་རིས་མཐུན་པར་འདུ་བྱེད་རྣམས་སྔར་མ་བྱུང་བ་ལ་གསར་དུ་བྱུང་བ་ལ་བཏགས་པའི་འདུ་བྱེད་དོ། །རྒ་བ་ནི་རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་གཞན་དུ་འགྱུར་བ་ལ་བཏགས་པའི་འདུ་བྱེད་དོ། །གནས་པ་ནི་རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་མི་འཇིག་པ་ལ་བཏགས་པའི་འདུ་བྱེད་དོ། །མི་རྟག་པ་ཉིད་ནི་རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་འཇིག་པ་ལ་བཏགས་པའི་འདུ་བྱེད་དེ། གཞུང་འདིའི་ལུགས་ཀྱི་འདུས་བྱས་ཀྱི་མཚན་ཉིད་བཞི་པོ་ཡང་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་འདུས་བྱས་ཁོ་ན་ལ་བཞག་པར་སྣང་ཞིང་། མི་རྟག་པ་ཡང་སྐད་ཅིག་གིས་འཇིག་པ་ལ་མི་འདོད་པར་རྒྱུན་འཇིག་པ་ལ་འདོད་དོ། ། ༢ མཛོད་ཀྱི་ལུགས་ལ། སྐྱེ་བ་ནི་རིས་མཐུན་པར་འདུ་བྱེད་རྣམས་སྔར་མ་བྱུང་བ་ལ་གསར་དུ་བྱུང་བའི་རྫས། རྒ་བ་ནི་རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་གཞན་དུ་འགྱུར་བའི་རྫས། གནས་པ་ནི་རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་མི་འཇིག་པའི་རྫས། མི་རྟག་པ་ཉིད་ནི་རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་འཇིག་པའི་རྫས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། |
| Domain | ཆོས་ལུགས། |