65886
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། སྐྱེ་བ་དང་རྒ་བ་དང་གནས་པ་མི་རྟག་པ་བཞི་པོ་ལ་འདུས་བྱས་ཀྱི་མཚན་ཉིད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རང་ཉིད་དང་ལྡན་པའི་ཆོས་རྣམས་འདུས་བྱས་སུ་མཚོན་པར་བྱེད་པའི་ཆོས་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། བཞི་པོ་དེའི་བྱེད་ལས་ཀྱང་དང་པོས་མ་འོངས་པ་ལས་སྐྱེད་པར་བྱེད། གཉིས་པས་སྐྱེས་པ་ལས་རྙིང་པར་བྱེད། གསུམ་པས་གནས་པ་ལས་གནས་པར་བྱེད། བཞི་པས་གནས་པ་ལས་འཇིག་པར་བྱེད་པའི་ཕྱིར་ཏེ། རང་འགྲེལ་ལས། བཞི་པོ་འདི་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་དག་ཡིན་ཏེ། གང་ལ་འདི་དག་ཡོད་པའི་ཆོས་དེ་ནི་འདུས་བྱས་སུ་མངོན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན། མདོ་ལས། གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་དེ། འདུས་བྱས་སྐྱེ་བ་ཡང་མངོན་ནོ། །འཇིག་པར་ཡང་མངོན་ནོ། །གནས་པ་ལས་གཞན་དུ་འགྱུར་བར་ཡང་མངོན་ནོ། །ཞེས་གནས་པ་མ་གསུངས་པ་དང་འགལ་ལོ་ཞེ་ན། མདོ་དེས་གནས་པ་མ་བསྟན་པའི་སྐྱོན་མེད་དེ། གནས་པ་གཞན་འགྱུར་དང་སྤྲེལ་ནས་བསྟན་པའི་ཕྱིར། |
| Domain | ཆོས་ལུགས། |