65967

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདེབས་ (1)
Part of speech བྱ་ཚིག
Definition རྩི་ཤིང་གི་ས་བོན་ཆ་རྐྱེན་འཛོམས་པའི་ས་འོག་ལ་བཅུག་ནས་མྱུ་གུ་སྐྱེ་རུ་འཇུག་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [གདབ།, གདབ་བྱའི་ས་བོན།]
Present [འདེབས།, སོན་འདེབས་མཁན་གྱི་ཞིང་པ།]
Past [བཏབ།, ས་བོན་བཏབ་རྗེས་སྟོན་མོ་བྱས།]
Imperative [ཐོབ།, ཞིང་ལ་ས་བོན་ཐོབ་ལྟ་བུ།]
འདེབས་ (2)
Part of speech བྱ་ཚིག
Definition སྔགས་དང་ཕྱག་རྒྱས་བཏབ་པའི་དོན།
Keyword True
Future [གདབ།, ཕྱག་ཆེན་དང་སྔགས་ཀྱིས་གདབ་བྱའི་དཀྱིལ་འཁོར།]
Present [འདེབས།, འདེབས་བྱེད་ཀྱི་སྔགས་དང་ཏིང་འཛིན།]
Past [བཏབ།, སྔགས་དང་ཕྱག་རྒྱས་བཏབ་པའི་རྟེན་ཁྱད་པར་ཅན།]
Imperative [ཐོབ།, སྔགས་དང་ཕྱག་རྒྱས་ཐོབ་ཅིག་ལྟ་བུ།]
འདེབས་ (3)
Part of speech བྱ་ཚིག
Definition མཚོན་ཆ་རྣོན་པོས་རྩེ་མོ་གཞན་གྱི་སྟེང་དུ་གཟིར་བའི་དོན།
Future [གདབ།, ཕུར་བུས་གདབ་པར་བྱ།]
Present [འདེབས།, འདེབས་བྱེད་ཀྱི་ཕུར་བུ།]
Past [བཏབ།, ཕུར་བཏབ་བོ།]
Imperative [ཐོབ།, ཕུར་བུས་ཐོབ།]
འདེབས་ (4)
Part of speech བྱ་ཚིག
Definition ལས་དོན་གང་ཞིག་གི་ཆེད་དུ་ལེགས་པའི་བསམ་ཚུལ་བཏོན་པའི་དོན།
Future [གདབ།, ལོ་ན་ཆུང་ངུ་དག་ལ་མཁས་པ་རྒན་གྲས་ཀྱིས་གྲོས་གདབ་དགོས།]
Present [འདེབས།, གྲོས་འདེབས་མཁན་ཤེས་ཡོན་དང་ལྷག་བསམ་ལྡན་པ་ཞིག་ཡིན་དགོས།]
Past [བཏབ།, གྲོས་བཏབ་པ་རྣམས་ལག་ལེན་དུ་ཐེབས་པར་བྱེད་གལ་ཆེ།]
Imperative [ཐོབ།, ལེགས་པའི་གྲོས་ཐོབ་ལྟ་བུ།]
འདེབས་ (5)
Part of speech བྱ་ཚིག
Definition སྣོན་མ་བྱས་པ་གཞན་གྱི་ནང་དུ་གཏོར་བའི་དོན།
Future [གདབ།, ཐུག་པ་ལ་ཚ་གདབ་དགོས།]
Present [འདེབས།, འདེབས་མཁན་གྱི་ཇ་མ།]
Past [བཏབ།, བྲོ་བ་བཏབ་ཟིན།]
Imperative [ཐོབ།, ཚྭ་ཐོབ་ཅིག་ལྟ་བུ།]
འདེབས་ (6)
Part of speech བྱ་ཚིག
Definition རེ་བ་དང་ཞུ་འབུལ་བྱེད་པའི་དོན།
Future [གདབ།, གསོལ་གདབ་པར་བྱ།]
Present [འདེབས།, སྙིང་ནས་གསོལ་བ་འདེབས་བཞིན་ཡོད།]
Past [བཏབ།, གསོལ་བ་བཏབ་བོ།]
Imperative [ཐོབ།, གསོལ་ཐོབ་དང་།]
འདེབས་ (7)
Part of speech བྱ་ཚིག
Definition སྐད་གསང་མཐོན་པོས་སྒོ་ནས་ངག་གིས་སྒྲ་འདོན་པའི་དོན།
Future [གདབ།, རྟ་རྒྱུག་སྐབས་ཀི་གདབ་དགོས།]
Present [འདེབས།, ཀི་འདེབས་མཁན་སུ་རེད།]
Past [བཏབ།, ཀི་བཏབ་ནས་རྟ་འདྲོགས་སོང།]
Imperative [ཐོབ།, ལུག་ཁྱུར་སྤྱང་ཀི་རྒྱུག་པར་ཀི་ཐོབ་ལྟ་བུ།]