65991

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོགས་ (1)
Part of speech བྱ་ཚིག
Definition མི་སོགས་ལ་མིང་སྔར་མེད་གསར་དུ་སྦྱར་བའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [གདགས།, བུ་ལ་མིང་གདགས་དགོས།]
Present [འདོགས།, བུ་ལ་མིང་འདོགས་པའི་མཛད་སྒོ་སྤེལ།]
Past [བཏགས།, བུ་ལ་མིང་བཏགས་ཟིན།]
Imperative [ཐོགས།, མིང་ཐོགས་ཤིག་ལྟ་བུ།]
འདོགས་ (2)
Part of speech བྱ་ཚིག
Definition མི་དང་རྟ་གླང་སོགས་ལ་རྒྱན་གྱིས་སྤྲས་པར་བྱས་པའི་དོན།
Future [གདགས།, རྟ་མཆོག་ལ་རྒྱན་གདགས་དགོས།]
Present [འདོགས།, གླང་ཆེན་ལ་རྒྱན་འདོགས་བཞིན་ཡོད།]
Past [བཏགས།, བཙུན་མོར་རྒྱན་ཆ་བཏགས་ཟིན།]
Imperative [ཐོགས།, རྒྱལ་སྲས་ལ་རྒྱན་ཐོགས་ཤིག་ལྟ་བུ།]
འདོགས་ (3)
Part of speech བྱ་ཚིག
Definition སྒོ་ཕྱུགས་ཐག་པས་གདང་དང་ཕུར་པ་ལ་བཏགས་པའི་དོན།
Future [གདགས།, དགོང་མོ་ཕྱུགས་ཆ་ཚང་གདགས་དགོས།]
Present [འདོགས།, ཨ་ཅེས་ཕྱུགས་འདོགས་བཞིན་ཡོད།]
Past [བཏགས།, ཕྱུགས་ཟོག་བཏགས་རྗེས་ནུབ་ཇ་འཐུང་ལྟ་བུ།]
Imperative [ཐོགས།, ཕྱུགས་ཟོག་ཐོགས་ཤིག་ལྟ་བུ།]
འདོགས་ (4)
Part of speech བྱ་ཚིག
Definition གཞན་ལ་ཆེད་དུ་ཕན་པའི་བྱ་བ་བྱས་པའི་དོན།
Future [གདགས།, སྐྱེ་བུ་དམ་པ་ཡིན་ན་གཞན་ལ་ཕན་གདགས་དགོས།]
Present [འདོགས།, ཕན་འདོགས་པ་ལ་བརྩོན་བཞིན་ཡོད།]
Past [བཏགས།, ཕན་བཏགས་པ་ལ་ཕན་ལན་དགོས་ལྟ་བུ།]
Imperative [ཐོགས།, སྐྱེ་བོ་སུ་ལ་ཡང་ཐོགས་པར་གྱིས་ལྟ་བུ།]
འདོགས་ (5)
Part of speech བྱ་ཚིག
Definition གཞན་གྱི་ལུས་ངག་གི་ངན་སྤྱོད་བརྗོད་པ་དང་སྐྱོན་མེད་ལ་སྐྱོན་བརྗོད་བྱས་པའི་སྒྲོ་བཏགས་པའི་དོན།
Future [གདགས།, གཞན་ལ་སྐྱོན་གདགས་རྒྱུ་ལས་རང་གི་སྤྱོད་པར་བརྟག་ན་བཟང་།]
Present [འདོགས།, མི་བཟང་པོ་ལ་གཞི་མེད་ཀྱི་སྐྱོན་འདོགས་བྱེད་མཁན་ནི་སྐྱེ་བུ་ཐལ་ཤལ་ཡིན།]
Past [བཏགས།, སྐྱོན་བཏགས་ཟིན།]
Imperative [ཐོགས།, སྐྱོན་ཐོགས་ཤིག]