66038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་ཁམས་ཉི་ཤུ་ (1)
Part of speech མིང་ཚིག
Definition རབ་ཏུ་བྱེད་པ་ཆོས་མངོན་པ་ལ་འཇུག་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ ཡང་སོས། ༢ ཐིག་ནག ༣ བསྡུས་འཇོམས། ༤ ངུ་འབོད། ༥ ངུ་འབོད་ཆེན་པོ། ༦ ཚ་བ། ༧ རབ་ཏུ་ཚ་བ། ༨ མནར་མེད་པ་དང་བརྒྱད། ༩ དུད་འགྲོ། ༡༠ ཡི་དྭགས། ༡༡ ལྷོ་འཛམ་བུ་གླིང་། ༡༢ ཤར་གྱི་ལུས་འཕགས་པོ། ༡༣ ནུབ་ཀྱི་བ་གླང་སྤྱོད། ༡༤ བྱང་གི་སྒྲ་མི་སྙན་དང་བཞི། ༡༥ འདོད་པ་ལ་སྤྱོད་པའི་ལྷ་དྲུག་སྟེ། རྒྱལ་ཆེན་བཞིའི་རིས། ༡༦ སུམ་ཅུ་རྩ་གསུམ། ༡༧ འཐབ་བྲལ། ༡༨ དགའ་ལྡན། ༡༩ འཕྲུལ་དགའ། ༢༠ གཞན་འཕྲུལ་དབང་བྱེད་དང་དྲུག་བཅས་སོ། །
Domain ཆོས་ལུགས།