From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདོད་ཆགས་ (1)
| Part of speech
|
མིང་ཚིག
|
| Definition
|
འཁྲིག་སྤྱོད་བྱེད་འདོད་ཀྱི་སྲེད་པ།
|
| Example
|
འདོད་ཆགས་ཀྱི་མྱོས་པ། བུད་མེད་ལ་འདོད་ཆགས་སྐྱེས་པ་ལྟ་བུ།
|
| Type
|
ཡུལ་སྐད།
|
འདོད་ཆགས་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། ཟག་བཅས་ཀྱི་དངོས་པོ་ལ་རང་གི་ངོ་བོའི་སྒོ་ནས་ཡིད་དུ་འོང་ཚད་ལས་འདས་པར་མཐོང་ནས་དོན་དུ་གཉེར་བའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། འདོད་ཆགས་གང་ཞེ་ན། ཁམས་གསུམ་པའི་རྗེས་སུ་ཆགས་པ་སྟེ། སྡུག་བསྔལ་སྐྱེད་པའི་ལས་ཅན་ནོ། །ཞེས་གསུངས། འདིའི་བྱེད་ལས་ལ་སྡུག་བསྔལ་སྐྱེད་པའི་ལས་ཅན་ཞེས་གསུངས་པ་ནི། ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ནི་འཁོར་བར་ཉིང་མཚམས་སྦྱོར་བའི་སྐྱེ་བ་ཡིན་ལ་འཁོར་བར་སྐྱེ་བའི་རྒྱུའི་གཙོ་བོ་ནི་འདོད་ཆགས་སྲེད་པ་ཉིད་ཡིན་པར་གོ་བའི་ཆེད་དུ་ཡིན་ནོ། །འདོད་ཆགས་དེ་ལ་དབྱེ་ན། འདོད་པའི་འདོད་ཆགས། གཟུགས་ཀྱི་འདོད་ཆགས། གཟུགས་མེད་ཀྱི་འདོད་ཆགས་དང་གསུམ་མོ། །མངོན་པ་མཛོད་ལས་ནི། དེ་ལ། འདོད་པའི་འདོད་ཆགས་དང་། སྲིད་པའི་ཟག་པ་གཉིས་སུ་དབྱེ་བའོ། །འདིའི་བྱེད་ལས་ལ་སྡུག་བསྔལ་བསྐྱེད་པའི་རྟེན་བྱེད་པའི་ལས་ཅན་ཞེས་གསུངས་པ་ནི། ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ནི་འཁོར་བར་ཉིང་མཚམས་སྦྱོར་བའི་སྐྱེ་བ་ཡིན་ལ་འཁོར་བར་སྐྱེ་བའི་རྒྱུའི་གཙོ་བོ་ནི་འདོད་ཆགས་སྲེད་པ་ཉིད་ཡིན་པར་གོ་བའི་ཆེད་དུ་ཡིན་ནོ། །
|
| Domain
|
ཆོས་ལུགས།
|
འདོད་ཆགས་ (3)
| Part of speech
|
མིང་ཚིག
|
| Definition
|
འདོད་ཆགས་ནི་ཁམས་གསུམ་པའི་རྗེས་སུ་ཆགས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །
|