66081

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་དགུ་བསམ་འཕེལ་བཅུ་གསུམ་ (1)
Part of speech མིང་ཚིག
Definition བོན། དཔལ་མགོན་བརྒྱ་རྩ་བརྒྱད་ལས་བསྟན་པའི་བཀའ་སྲུང་སྐོར་ཞིག་སྟེ། རྣམ་པར་རྒྱལ་བའི་མཆོད་བསྐང་ལས། འདོད་དགུ་བསམ་འཕེལ་བཅུ་གསུམ་ཡང། ཞེས་སོ། །བཅུ་གསུམ་ནི། གཤེན་རབ་འདོད་པ་དགུ་འགྱུར། གནོད་སྦྱིན་གང་བ་བཟང་པོ། གནོད་སྦྱིན་ནོར་བུ་བཟང་པོ། གནོད་སྦྱིན་ཆེན་པོ་ཀུ་བེ་ར། གནོད་སྦྱིན་ཆེན་པོ་ཡང་དག་ཤེས། གནོད་སྦྱིན་ཆེན་པོ་འབྲོག་གནས། གནོད་སྦྱིན་ཆེན་པོ་ལྔ་རྩེ་འཛིན། གནོད་སྦྱིན་ཆེན་པོ་མཛོད་ལྡན། གནོད་སྦྱིན་ཆེན་པོ་མཛོོད་སྲུང་། ནོར་བདག་ཨརྱ་འཛམ་པ་ལྷ། དཔལ་མགོན་དྲག་རྩལ་སྙིང་པོ། ལྷ་ཆེན་ཚོགས་ཀྱི་བདག་པོ། དཔལ་མགོན་རྒྱལ་པོ་ནོར་གྲུབ་རྗེ་བཅས་ཡིན་ནོ། །དེ་དག་གི་སྐུ་མདོག་དང་ཕྱག་མཚོན་སོགས་ནི་རྣམ་རྒྱལ་མཆོད་གཞུང་ལ་གཟིགས།
Domain ཆོས་ལུགས།