66104
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། དང་པོ། ས་ཆེན་པོ་བཅུ་སྟེ། ༡ ཚོར་བ། ༢ སེམས་པ། ༣ འདུ་ཤེས། ༤ འདུན་པ། ༥ རེག་པ། ༦ ཤེས་རབ། ༧ དྲན་པ། ༨ ཡིད་ལ་བྱེད་པ། ༩ མོས་པ། ༡༠ ཏིང་ངེ་འཛིན་ནོ། །དགེ་བའི་ས་ཆེན་པོ་བཅུ་སྟེ། ༡ དད་པ། ༢ བག་ཡོད་པ། ༣ ཤིན་ཏུ་སྦྱངས་པ། ༤ བཏང་སྙོམས། ༥ ངོ་ཚ་ཤེས་པ། ༦ ཁྲེལ་ཡོད་པ། ༧ མ་ཆགས་པ་དགེ་བའི་རྩ་བ། ༨ མི་སྡང་བ་དགེ་བའི་རྩ་བ། ༩ མི་འཚེ་བ། ༡༠ བརྩོན་འགྲུས་སོ། །གསུམ་པ། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་བཅས་སོ། །རེས་འགའ་འགྱོད་པ་དང་ལྷན་ཅིག་པས་ཉི་ཤུ་རྩ་གསུམ་མོ། །ཡང་རེས་འགའ་གཉིད་དང་ལྷན་ཅིག་པས་ཉི་ཤུ་རྩ་གསུམ་མོ། ། |
| Domain | ཆོས་ལུགས། |