66120
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི། སྦོམ་དགའ་མོས་ཁྱིམ་ཐབས་བྱེས་སུ་སོང་བའི་ཆུང་མ་ལ་དྲིས་པ། ཁྱོད་དེའི་བར་དུ་ཇི་ལྟ་བུ་ཞིག་གིས་ཉོན་མོངས་པ་མངོན་གྱུར་སེལ་བར་བྱེད། རྒྱ་སྐྱེགས་ཀྱི་ཆང་བུ་བཅངས་པ་ལས་སོ། །དེ་ནས་སྦོམ་དགའ་མོས་རྒྱ་སྐྱེགས་ཀྱི་ཚིགས་མ་མཁན་ལ། རྒྱ་སྐྱེགས་ཀྱི་ཆང་བུ་ཉོས་ཏེ་ཉོན་མོངས་སེལ་བར་བྱེད་པ་ལས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བའོ། །དགེ་སློང་མ་རང་གིས་རང་གི་བསྟེན་བྱེད་ནང་དུ་སོར་གཉིས་ལས་འདས་པར་རྒྱ་སྐྱེགས་ཀྱི་ཆང་བུ་འཛུད་པ་ལ་ལྟུང་བྱེད་དུ་འགྱུར་ཏེ། ཆང་བུ་འཛུད་པ་འདི་ལ་ཊཱིཀ་ལས་ཁུ་བ་འབྱིན་པ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །དགེ་སློོང་མས་རང་གི་བསྟེན་བྱ་མོ་དབང་གི་ནང་དུ་རྒྱ་སྐྱེགས་ཀྱི་ཆང་བུ་རང་གིས་འཇུག་པ་ནི་འདོད་པ་བསྟེན་པའི་ལྟུང་བྱེད་ཡིན་ཏེ། ཁུ་བ་ཕྱུང་བའི་ལྟུང་བྱེད་དུ་བཤད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |