66129

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition བོན། སྦྱིན་པའི་ཡ་སྟགས་སམ་ཡོ་བྱད་ཅིག་ཡིན། ལྔ་ནི། མིག་ལ་གཟུགས་སྡུག་པ་དང་། རྣ་ལ་སྒྲ་སྙན་པ། སྣ་ལ་དྲི་ཞིམ་པ། ལྕེ་ལ་རོ་མངར་བ། ལུས་ལ་རེག་བྱ་འཇམ་པ། ཡིད་ལ་འཐད་པའི་བོན་དང་ལྔ་སྟེ། མདོ་གཟེར་མིག་ལས། སྦྱིན་པའི་ཡ་སྟགས་འདོད་པ་རྣམ་པ་ལྔ། ཞེས་དང་། མིག་གིས་གཟུགས་སྡུག་པ་ཀུན་འདོད་པ་དང་། རྣ་བས་སྒྲ་སྙན་པ་འདོད་པ་དང་། སྣས་དྲི་ཞིམ་པོ་འདོད་པ་དང་། ལྕེས་རོ་ཞིམ་པོ་འདོད་པ་དང་། ལུས་ཀྱིས་རེག་བྱ་འཇམ་པོ་འདོད་པ་དང་། ཡིད་རྩ་བ་ཡིན་པས་གཞན་ལས་བདག་མཐོ་བར་འདོད་པ་དང་། དེ་ལྟར་འདོད་པ་རྣམ་པ་ལྔ། ཞེས་སོ། །
Domain ཆོས་ལུགས།