66135

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པ་ལ་ལོག་པར་སྤྱོད་པ་ལ་ཉེས་དམིགས་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་འདོད་པ་ལ་ལོག་པར་སྤྱོད་པ་ལ་ཉེས་དམིགས་བཅུ་སྟེ། ༡ གང་དག་གི་ཆུང་མ་ལ་ཉལ་པོ་བྱེད་པ་དེ་དག་དེ་ལ་གླགས་ཚོལ་བར་འགྱུར་བ། ༢ དེའི་ཆུང་མ་དང་རྩོད་པར་འགྱུར་བ། ༣ དེའི་མི་དགེ་བའི་ཆོས་འཕེལ་བར་འགྱུར་བ། ༤ དེའི་དགེ་བའི་ཆོས་ཡོངས་སུ་འགྲིབ་ཅིང་ཡོངས་སུ་ཟད་པར་འགྱུར་བ། ༥ བདག་མ་སྦས་ཤིང་མ་བསྲུངས་པ། ༦ དེའི་བུ་དང་། ཆུང་མ་དང་། ནོར་རྣམས་མ་སྦས་ཤིང་མ་བསྲུངས་པ། ༧ དོགས་པར་འགྱུར་བ། ༨ མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གིས་གཉེན་མཚམས་རྣམས་ཡིད་མི་རྟོན་པ། ༩ བྱི་བོ་བྱེད་པ་དང་། བཅས་པར་འགྱུར་བའི་ལས་བྱེད་ཅིང་གསོག་པ། ༡༠ ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་རྣམ་པར་ལྟུང་བ། སེམས་ཅན་དམྱལ་བ་རྣམས་སྐྱེ་བར་འགྱུར་བའོ། །
Domain ཆོས་ལུགས།

{{#arraymap:འདོད་པ་ལ་ལོག་པར་སྤྱོད་པ་ལ་ཉེས་དམིགས་བཅུ་

|; |@@@ | | }}