66136

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པ་ལ་ལོངས་སྤྱོད་པ་གསུམ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ འདོད་པ་ལ་ལོངས་སྤྱོད་པ་གང་ཆོས་མ་ཡིན་པས་བབ་ཅོལ་དུ་ལོངས་སྤྱོད་པ་དག་ཡང་དག་པར་བསྒྲུབས་ནས། བདག་ཉིད་ཀྱང་ལེགས་པར་བདེ་བར་ཚིམ་པར་མི་བྱེད་ལ་བུ་ཡང་མ་ཡིན་ཆུང་མ་ཡང་མ་ཡིན་པ་ནས། རྒྱས་པ་དགེ་སྦྱོང་དང་བྲམ་ཟེའི་བར་དག་ལ་ཡང་ཡོན་འབུལ་བར་མི་བྱེད་པ་ཡང་ཡོད་དོ། །དེ་ནི་སྐྱེས་ཐ་མ་ཡིན་ནོ། ། ༢ འདོད་པ་ལ་ལོངས་སྤྱོད་པ་གང་ཆོས་དང་ཆོས་མ་ཡིན་པས་བབ་ཅོལ་དང༌། བབ་ཅོལ་མ་ཡིན་པར་ལོངས་སྤྱོད་དག་ཡང་དག་པར་བསྒྲུབས་ནས། བདག་ཉིད་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱེད། བུ་དང་ཆུང་མ་ནས་རྒྱས་པར་མཛའ་བཤེས་དང༌། གྲོས་གྲོགས་དང༌། ཉེ་དུ་དང༌། རྒན་རབས་ཀྱི་བར་དག་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱེད་ལ། དགེ་སྦྱོང་དང་བྲམ་ཟེ་དག་ལ་ནི་ཡོན་འབུལ་བར་མི་བྱེད་པ་ཡང་ཡོད་དོ། །དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། ། ༣ འདོད་པ་ལ་ལོངས་སྤྱོད་པ་གང་ཡིན་གཅིག་ཏུ་ཆོས་ཀྱི་བབ་ཅོལ་མ་ཡིན་པ་ཁོ་ནར་ལོངས་སྤྱོད་ཡང་དག་པར་བསྒྲུབས་ནས། བདག་ཉིད་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱེད་ལ། རྒྱས་པར་དགེ་སྦྱོང་དང་བྲམ་ཟེའི་བར་དག་ལ་ཡང་ཡོན་འབུལ་བར་བྱེད་པ་ཡང་ཡོད་དོ། །དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:འདོད་པ་ལ་ལོངས་སྤྱོད་པ་གསུམ་

|; |@@@ | | }}