66137
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རོལ་མོའི་སྒྲ་དང༌། སྤོས་དང༌། མེ་ཏོག་ཕྲེང་དང༌། བྱུག་པ་དང༌། སྣོད་སྤྱད་དང༌། སྣང་བ་དང༌། སྐྱེས་པ་དང༌། བུད་མེད་དགའ་མགུར་སྤྱོད་པའོ། །འདོད་པ་ལ་སྤྱོད་པ་བཅུ་ནི། ཆོས་མིན་དང་པར་བབ་ཅོལ་དུ་ལོངས་སྤྱོད་སྒྲུབས་ནས་བདག་དང་ཕ་མ་སོགས་གཉེན་ནི་འཁོར་རྣམས་ལེགས་པར་བདེ་བར་ཚིམ་པར་མི་བྱེད་ལ། དགེ་སྦྱོང་བྲམ་ཟེ་སོགས་ལ་སྦྱིན་པར་ཡང་མི་བྱེད་པ་དང༌། བདག་དང་ཉེ་དུ་སོགས་ཚིམ་པར་བྱེད་ལ། དགེ་སྦྱོང་སོགས་སྦྱིན་པར་མི་བྱེད་པ་དང༌། བདག་དང་ཉེ་དུ་སོགས་ཀྱང་ཚིམ་པར་བྱེད། དགེ་སྦྱོང་སོགས་ལ་ཡང་སྦྱིན་པར་བྱེད་པ་དང༌། ཆོས་དང་ཆོས་མིན་པས་བབ་ཅོལ་དང། བབ་ཅོལ་མིན་པས་ལོངས་སྤྱོད་སྒྲུབ་ནས་ལོངས་སྤྱོད་ཚུལ་སྔ་མ་བཞིན་གསུམ་དང༌། ཆོས་ཀྱི་བབ་ཅོལ་མ་ཡིན་པར་ལོངས་སྤྱོད་སྒྲུབ་ནས་ལོངས་སྤྱོད་ཚུལ་གསུངས། བཅུ་པ་ནི་དགུ་པ་དང་ལོངས་སྤྱོད་ཚུལ་འདྲ་བ་ལ་མ་ཆགས་པར་ལོངས་སྤྱོད་པའོ། ། |
Domain | ཆོས་ལུགས། |
{{#arraymap:འདོད་པ་ལ་ལོངས་སྤྱོད་པ་བཅུ་
|; |@@@ | | }}