66144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པའི་ཁམས་ (1)
Part of speech མིང་ཚིག
Definition འདོད་པའི་ཁམས་འདིའི་སེམས་ཅན་རྣམས་ནི་ཁམ་ཟས་དང་འཁྲིག་པ་ལ་འདོད་ཆགས་དང་བཅས་ཤིང་འདོད་ཡོན་ལྔས་འཚོ་བའི་ཕྱིར་དང༌། སྣོད་ཀྱང་འདོད་པ་དང་ལྡན་པའི་སེམས་ཅན་གྱི་གནས་ཡིན་པས་དེ་ལྟར་བརྗོད། འདོད་པའི་ཁམས་ནི་འདོད་པ་གཙོ་བོ་ཡིན་པའི་ཕྱིར་འདོད་པ་རྣམས་ཞེས་བསྟན་ལ། རང་གི་ངོ་བོ་འཛིན་པའི་ཕྱིར་ན་ཁམས་སོ། །འདོད་པ་དང་ལྡན་པའི་ཁམས་ནི་འདོད་པའི་ཁམས་སོ། །ཡང་ན་འདོད་པ་རྣམས་ཀྱི་ཁམས་ནི་འདོད་པའི་ཁམས་ཏེ། གང་ཞིག་འདོད་པ་རྣམས་འཛིན་པའོ། །དབྱེ་བ་དྲུག་སྟེ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་དྲུག་གོ །
Domain ཆོས་ལུགས།