66145

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་རྙེད་པའི་སེམས་དྲུག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་པའི་ཁམས་སུ་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་མངོན་དུ་གྱུར་པའི་ཚེ་རྙེད་པའི་སེམས་རྣམས་ཏེ། དགེ་བ་དང་མི་དགེ་བ། བསྒྲིབས་ལུང་མ་བསྟན་དང་། གཟུགས་ན་སྤྱོད་པའི་ཉོན་མོངས་དང་གཟུགས་མེད་ན་སྤྱོད་པའི་ཉོན་མོངས་པ་དང་། སློབ་པའི་སེམས་དང་བཅས་ཏེ་དྲུག་གོ །དེ་ཡང་རྙེད་ཚུལ་ནི། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་མངོན་དུ་གྱུར་ན། སེམས་དྲུག་པོ་འདི་དག་དང་མི་ལྡན་པ་ལས་རྙེད་དེ། ཐེ་ཚོམ་གྱིས་དགེ་བའི་ཉིང་མཚམས་སྦྱོར་བ་དང་། ཁམས་སུ་སླར་ལྡོག་པ་ལས་འདོད་པའི་ཁམས་ཀྱི་དགེ་བ་དང་། ཁམས་སུ་སླར་ལྡོག་པ་དང་། ཡོངས་སུ་ཉམས་པ་ལས་མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་དང་། གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་། ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པའོ། །
Domain ཆོས་ལུགས།