66149

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པའི་ཁམས་ཀྱི་མི་དགེ་བའི་སེམས་ཀྱི་དེ་མ་ཐག་རྐྱེན་བཅུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དེ་མ་ཐག་རྐྱེན་དང་བཅས་པའི་འཁོར་འདས་ཀྱིེ་སེམས་བཅུ་གཉིས་ལས་མི་དགེ་བའི་སེམས་དེ་ཡི་དེ་མ་ཐག་རྐྱེན་རྣམས་ཏེ། སློབ་པ་དང་མི་སློབ་པ་དག་མ་གཏོགས་པ་གཞན་བཅུའོ། །དེ་ཡང་རྒྱུན་དང་ས་མཚུངས་པའི་ཚེ་སྤྲུལ་སེམས་མ་གཏོགས་པ་རང་གི་ས་པ་བཞི་དང་། ཉིང་མཚམས་སྦྱོར་བའི་ཚེ་ཁམས་གོང་མ་གཉིས་ནས་ཤི་འཕོས་ནས་འདིར་སྐྱེ་པ་ན་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་སྤྲུལ་སེམས་དང་གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་མ་གཏོགས་པ་ལ་འཆི་སེམས་སྲིད་པས་དེ་དག་གི་སེམས་གསུམ་གྱི་རྗེས་སུ་འཇུག་པའི་ཕྱིར་རོ། །ཟག་མེད་གཉིས་དང་ནི་ཚེ་དྲུག་མི་སྲིད་པའི་ཕྱིར་རོ། །
Domain ཆོས་ལུགས།