66159

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པའི་གཟེབ་ཏུ་བཅིང་བའི་ཆོས་དྲུག་ (1)
Part of speech མིང་ཚིག
Definition ༡ སྤྲོས་པའི་བློ་དང་བྲལ་བར་འདོད་པ་དང་། ། ༢ བདེ་སྟོང་དབྱེར་མེད་ཟུང་འཇུག་འདོད་པ་དང་། ། ༣ དམིགས་མེད་མཁའ་ལྟར་རྣམ་དག་འདོད་པ་དང་། ། ༤ སྟོང་པ་ཡེ་ཤེས་སྙིང་པོ་ཅན་འདོད་དང་། ། ༥ རིག་པ་འོད་ཀྱི་ཁང་བུ་ཅན་འདོད་དང་། ། ༦ གདོད་ནས་ཡེ་གྲོལ་རང་བྱུང་ཡེ་ཤེས་འདོད། །ཕྱོགས་རེའི་དོན་མཐོང་གླང་ཆེན་སྨྲས་པ་བཞིན། །བདག་ལྟའི་དངོས་པོ་མཚན་མ་ཞེན་པ་ཡིན། །དེ་བས་ཕྱོགས་འཛིན་བདག་ལྟའི་གཟེབ་བོར་ལ། །ཡིན་མིན་མེད་པའི་རང་རིག་ཕྱོགས་བྲལ་ནི། །མཐའ་གྲོལ་ཡངས་པ་ཆེན་པོར་ཐག་ཆོད་ཅིག ། ཅེས་སོ། །
Domain ཆོས་ལུགས།