66163

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པའི་ཆུ་བོའི་རྫས་ཉི་ཤུ་རྩ་དགུ་ (1)
Part of speech མིང་ཚིག
Definition དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་སྟེ། ༡ འདོད་པའི་ཁམས་ཀྱི་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་རྣམས་རེ་རེ་ལ་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱིས་རེ་རེ་ལ་རྣམ་པ་ལྔ་ལྔར་ཕྱེ་བས་བཅོ་ལྔ། ༢ ཐེ་ཚོམ་བདེན་པ་བཞི་མཐོང་བས་སྤང་བར་ཉིད་ཀྱིས་རྣམ་པ་བཞི། ༣ ཀུན་ནས་དཀྲིས་པ་བཅུ་བཅས་སོ། །
Domain ཆོས་ལུགས།
འདོད་པའི་ཆུ་བོའི་རྫས་ཉི་ཤུ་རྩ་དགུ་ (2)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། འདོད་པས་བསྡུས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཞི། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བཞི། འགོག་པ་མཐོང་བས་སྤང་བར་བྱ་བ་བཞི། ལམ་མཐོང་བས་སྤང་བར་བྱ་བ་བཞི། བསྒོམ་པས་སྤང་བར་བྱ་བ་བཅུ་གསུམ།