66177

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པའི་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཐོང་ལམ་ཐོབ་པའི་རྗེས་སུ་འདོད་པར་སྐྱེ་བ་བརྒྱུད་ནས་བླངས་པའི་ཕྱིར་མི་འོང་དུ་དམིགས་པ། འདོད་པའི་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་གི་མཚན་ཉིད། དེ་ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་བ་ཡིན་གྱི། ཁམས་གསུམ་པོ་གང་དུ་ཡང་ལས་ཉོན་གྱི་དབང་གིས་མི་སྐྱེ་སྟེ། ཕྱིར་མི་འོང་ཡིན་པས་འདོད་པར་ལས་ཉོན་གྱི་དབང་གིས་མི་སྐྱེ་ཞིང། ཁམས་གོང་མར་ཡང་དེའི་དབང་གིས་མི་སྐྱེ་བའི་ཕྱིར། འདི་དང་མཐོང་ཆོས་ཞིའི་ཕྱིར་མི་འོང་ལ་ཁྱད་པར་ཡོད་དེ། མཐོང་ཆོས་ཞིའི་ཕྱིར་མི་འོང་ནི་མཐོང་ལམ་ཐོབ་པའི་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་བ་ཡིན་ལ། འདི་ནི་མཐོང་བའི་ཆོས་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་བ་ཙམ་ཡིན་གྱི། མཐོང་ལམ་ཐོབ་པའི་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་བ་མིན་པའི་ཕྱིར།
Domain ཆོས་ལུགས།