66180
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། འདོད་པ་ན་ནི་ཡིད་ཉེ་བར་རྒྱུ་བ་ཐམས་ཅད་ཡོད་དེ། དེ་དག་ཀྱང་འདོད་པ་རང་ཉིད་ལ་དམིགས་པའི་ཡུལ་ཅན་ཡིན་གྱི་གཟུགས་དང་གཟུགས་མེད་ལ་དམིགས་པ་ལ་ནི་བཅོ་བརྒྱད་མི་ཚང་བའི་ཕྱིར་རོ། །འདོད་པའི་ཡིད་ཉེར་རྒྱུའི་སྤྱོད་ཡུལ་ཏེ་དམིགས་པ་གཟུགས་ཅན་གྱི་ཁམས་པ་ཡིན་ན་ནི། དེ་ན་དྲི་རོ་མེད་པས་དེ་གཉིས་ལ་དམིགས་པ་དྲུག་མ་གཏོགས་པ་བཅུ་གཉིས་སོ། །འདོད་གཟུགས་ཀྱི་གོང་མ་གཟུགས་མེད་ནི་དེ་ན་ཡུལ་ལྔ་མེད་པས་ཆོས་ལ་དམིགས་པའི་འདོད་པའི་ཡིད་བདེ་མི་བདེ་བཏང་སྙོམས་གསུམ་གྱི་སྤྱོད་ཡུལ་དུ་འགྱུར་རོ། །དེ་དག་ནི་འདོད་པའི་དབང་དུ་བྱས་པ་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |