66184

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པའི་འཁྲིག་པ་སྤྱོད་ཚུལ་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་པ་པ་དེ་དག་འདོད་པ་ལ་ཇི་ལྟར་སྤྱོད་ཅེ་ན། རྒྱལ་ཆེན་རིས་བཞི་པ་དང་སུམ་ཅུ་རྩ་གསུམ་པ་གཉིས་ནི་དབང་པོ་གཉིས་སྤྲད་པས་ལྷའི་བུ་དང་བུ་མོ་གཉིས་འཁྲིག་པ་སྤྱོད་དེ་འོན་ཀྱང་ས་བོན་འབྱུང་བ་ནི་མེད་དེ་རླུང་རྒྱུ་བས་གདུང་བ་དང་བྲལ་བར་གནས་སོ། །འཐབ་བྲལ་བ་ནི་འཁྱུད་པ་ཙམ་དང་། དགའ་ལྡན་པ་ལག་པ་བཅངས་པ་དང་། འཕྲུལ་དགའ་བ་རྒོད་པ་ཙམ་དང་། གཞན་འཕྲུལ་དབང་བྱེད་པ་བལྟས་པ་ཙམ་གྱིས་འཁྲིག་པ་སྤྱོད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཇི་ཙམ་དུ་ཡུལ་ཤས་ཆེ་བ་དེ་ཙམ་དུ་འདོད་ཆགས་ཤས་ཆེ་བའི་ཕྱིར་ཐམས་ཅད་ཀྱང་གཉིས་ཀྱིས་གཉིས་སྤྲད་ནས་འཁྲིག་པ་སྤྱོད་པ་ཡིན་ཏེ། དབང་པོ་གཟུགས་ཅན་རྣམས་ནི་ཡུལ་སོ་སོར་ངེས་པ་ཡིན་པའི་ཕྱིར་རོ། །གདགས་པ་ལས་བཤད་པ་ནི། དུས་ཀྱི་ཚད་བསྟན་པ་ཡིན་ནོ་ཞེས་ཟེར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།