66187

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པའི་འདོད་ཆགས་སྐྱེད་པའི་ཀུན་ཏུ་རྟོག་པ་བརྒྱད་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ ཟློག་པར་བྱེད་པ་ནི། དགེ་བ་ལ་བརྩོན་པའི་སེམས་ཀྱི་རྒྱུད་བཟློག་ནས་འདོད་པ་རྣམས་ལ་རྩོལ་བ་སྐྱེད་པར་བྱེད་པ་གང་ཡིན་པའོ། ། ༢ སད་པར་བྱེད་པ་ནི། ཡུལ་ཉེ་བར་མ་གྱུར་ཅིང་མངོན་དུ་མ་གྱུར་པ་ལ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པས་ཀུན་ཏུ་འཆིང་བར་བྱེད་པ་གང་ཡིན་པའོ། ། ༣ ཀུན་ཏུ་སྦྱོར་བར་བྱེད་པ་ནི། གང་གིས་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་འདོད་པ་ཡོངས་སུ་ཚོལ་བར་བྱེད་པའོ། ། ༤ མཚན་མར་འཛིན་པར་བྱེད་པ་ནི། གང་གིས་ཡུལ་ཉེ་བར་གྱུར་ཅིང་མངོན་དུ་གྱུར་པ་ལ་མཚན་མར་འཛིན་པ་དང༌། མངོན་རྟགས་སུ་འཛིན་པར་བྱེད་པའོ། ། ༥ ཆགས་པར་བྱེད་པ་ནི། ཡུལ་ཉེ་བར་གྱུར་ཅིང་མངོན་དུ་གྱུར་པ་ལ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པས་ཀུན་ཏུ་འཆིང་བར་བྱེད་པ་གང་ཡིན་པའོ། ། ༦ རྣམ་པར་འདོད་པར་བྱེད་པ་ནི། གང་གིས་དེ་ལྟར་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ། འདོད་པའི་ལོངས་སྤྱོད་རྣམ་པ་དུ་མ་མངོན་པར་འདོད་པར་བྱེད་པའོ། ། ༧ ངེས་པར་གནོད་པར་བྱེད་པ་ནི། གང་གིས་འདོད་པ་རྣམས་ཡང་དང་ཡང་དུ་མངོན་པར་བསྒྲུབ་པ་ན་གཅིག་ཏུ་ངེས་པར་ཡོན་ཏན་དུ་ལྟ་ཞིང་ཉེས་དམིགས་སུ་མི་ལྟ་བར་ཡོངས་སུ་ལོངས་སྤྱོད་པའོ། ། ༨ མཆོག་དུ་ཆགས་པར་བྱེད་པ་ནི། འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་མཐར་ཐུག་པ་དང་མཐར་ཕྱིན་པས་ཀུན་ནས་འཆིང་བར་བྱེད་པ་གང་ཡིན་པའོ། །
Domain ཆོས་ལུགས།