66214

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པའི་སྨན་བཟང་པོ་བཞི་ (1)
Part of speech མིང་ཚིག
Definition མྱང་འདས་ལེའུ་བཅུ་གཅིག་པ་བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་དྲིས་པའི་ལེའུ་ལས་བྱུང་བ་རབ་ཏུ་བྱུང་བའི་ནད་དེ། ༡ གོས་ཕྱག་དར་ཁྲོད་པས་ནི་དགེ་སློང་གི་གོས་ཀྱི་འདོད་པ་ངན་པ་གསོ་བར་བྱེད་དོ། ། ༢ བསོད་སྙོམས་ཀྱིས་ནི་ཟས་ཀྱི་འདོད་པ་ངན་པ་གསོ་བར་བྱེད་དོ། ། ༣ ཤིང་དྲུང་བས་ནི་མལ་ཆའི་འདོད་པ་ངན་པ་གསོ་བར་བྱེད་དོ། ། ༤ ལུས་དང་སེམས་ཞི་བས་དགེ་སློང་གི་སྲིད་པའི་འདོད་པ་ངན་པ་གསོ་བར་བྱེད་པའོ། །
Domain ཆོས་ལུགས།