66217

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པར་གཏོགས་པའི་སྤྲུལ་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་པའི་སས་བསྡུས་ཀྱི་སྤྲུལ་པ་སྟེ། དཔེར་ན་རྟེན་འདོད་པ་བས་རང་ལུས་ཀྱི་ཚོགས་པ་ན་ཡོད་པའི་གཟུགས་སོགས་ཀྱི་སྐྱེ་མཆེད་བཞི་པོ་དེ་སྤྲུལ་གཞིར་བྱས་ནས་རང་སའི་ཕྱིའི་སྐྱེ་མཆེད་བཞི་པོ་དེ་དང་དེར་བསྒྱུར་བའམ་སྤྲུལ་པ་དེ་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང༌། རང་ལས་ཕྱི་རོལ་ཏུ་གྱུར་པའི་འདོད་པའི་སས་བསྡུས་ཀྱི་གཟུགས་སོགས་སྤྲུལ་གཞིར་བྱས་ནས་ཕྱིའི་སྐྱེ་མཆེད་དེ་དང་དེར་སྤྲུལ་པ་དེ་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་དང༌། དེ་བཞིན་དུ་རྟེན་གཟུགས་ཁམས་པས་རང་ལུས་ལ་མངོན་དུ་གྱུར་པའི་འདོད་པའི་རེག་བྱ་ཉིད་སྤྲུལ་གཞིར་བྱས་ནས་འདོད་པའི་སྐྱེ་མཆེད་བཞི་པོ་དེ་དང་དེར་སྤྲུལ་པ་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང༌། ཡང་དེས་རང་ལུས་ལ་མངོན་དུ་མ་གྱུར་པའི་འདོད་པའི་སྐྱེ་མཆེད་བཞི་སྤྲུལ་གཞིར་བྱས་ནས་འདོད་པའི་སྐྱེ་མཆེད་དེ་དང་དེར་སྤྲུལ་པ་དེ་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་སྟེ་སྤྱིར་འདོད་པར་གཏོགས་པའི་སྤྲུལ་པ་རྣམ་པ་བཞི་ཡིན་ཏེ། མཛོད་རྩ་བ་ལས། འདོད་པར་གཏོགས་པའི་སྤྲུལ་པ་ནི། །ཕྱི་ཡི་སྐྱེ་མཆེད་བཞི་རྣམ་གཉིས། །གཟུགས་གཏོགས་གཉིས། ཞེས་གསུངས།
Domain ཆོས་ལུགས།