66218

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པར་དང་པོར་རྙེད་པའི་རྣམ་སྨིན་དབང་པོ་གཉིས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དབང་པོ་ཉི་ཤུ་རྩ་གཉིས་ལས་འདོད་པར་དང་པོར་རྣམ་སྨིན་གཉིས་རྙེད་དེ་ལུས་ཀྱི་དབང་པོ་དང་སྲོག་གི་དབང་པོའོ། །དེ་དག་ཀྱང་སྐྱེས་གནས་དང་པོ་གསུམ་དུ་སྐྱེ་བ་དག་གིས་རྙེད་པ་དེ། བརྫུས་ཏེ་སྐྱེ་བས་མིན་ནོ། །ཅིའི་ཕྱིར་ཡིད་དང་བཏང་སྙོམས་དག་གིས་མ་ཡིན་ཞེ་ན། དེ་གཉིས་ནི་ཉིང་མཚམས་སྦྱོར་བའི་ཚེ་གདོན་མི་ཟ་བར་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །
Domain ཆོས་ལུགས།