66220
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དགེ་འདུན་ཉི་ཤུའི་ནང་གསེས། འདོད་ཁམས་ལས་ཁམས་གཞན་དུ་མི་འགྲོ་བར་ཕྱིར་མི་འོང་འབྲས་བུ་ཐོབ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཞིག་སྟེ། འདོད་པར་སྡུག་བསྔལ་མང་བས་ཤིན་ཏུ་སྐྱོ་བའི་ཡིད་བྱུང་བས་ཚེ་དེ་ཉིད་ལ་ཕྱིར་མི་འོང་ཐོབ་ཏེ་མྱ་ངན་ལས་འདའ་བ། ཡང་ན་འདོད་པར་ཚེ་དང་པོ་ལ་རྒྱུན་ཞུགས་སམ་ལན་ཅིག་ཕྱིར་འོང་ཐོབ་སྟེ་ཤི་འཕོས་ནས་སླར་ཡང་ཚེ་གཉིས་པར་འདོད་པར་སྐྱེས་ཏེ་ཕྱིར་མི་འོང་ཐོབ་པར་བྱས་ནས་དགྲ་བཅོམ་ཐོབ་པར་བྱེད་པའོ། །འཕགས་པ་འདིའི་དབང་པོ་འཕོ་བ་དང་། ཡོངས་སུ་ཉམས་པ་དག་མེད་དེ། ཚེ་རབས་གཞན་ནས་ཡོངས་སུ་འདྲིས་པས་དབང་པོ་རྣམས་ཆེས་ཡོངས་སུ་སྨིན་པའི་ཕྱིར་དང་། རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར་རོ། ། |
| Domain | ཆོས་ལུགས། |