66221

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པར་ཚེ་ཡོངས་སུ་མ་གྱུར་པའི་ཕྱིར་མི་འོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། འདོད་པའི་རྟེན་ལ་འཕགས་ལམ་སྐྱེ་བ་བརྒྱུད་མར་བརྟེན་པ་མ་ཡིན་པར་མཐོང་ལམ་ཐོབ་པའི་ཚེ་དེ་ལ་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་ནས་མྱང་འདས་མངོན་དུ་བྱེད་པའི་འཕགས་པའི་གང་ཟག་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། མཐོང་ལམ་ཐོབ་པའི་ཚེ་དེ་ལ་ཕྱིར་མི་འོང་ཐོབ་པའི་ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག་འདོད་པར་ཚེ་ཡོངས་སུ་མ་གྱུར་པའི་ཕྱིར་མི་འོང་གི་འཇོག་བྱེད། དེ་ལ་དབྱེ་ན། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང། ཕྱིར་མི་འོང་མཐོང་ཆོས་ཞི། ཕྱིར་མི་འོང་ལུས་མངོན་བྱེད་དང་བཞི་ཡོད། ཅེས་གསུངས།
Domain ཆོས་ལུགས།