66225

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པས་ལོག་པར་གཡེམ་པའི་ཉེས་དམིགས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་དགའ་བ་ཅན་གྱི་མདོ་ལས་བྱུང་བ་སྟེ། གང་དག་གི་ཆུང་མ་ཁ་དྲངས་པས་དེ་དག་དང་། དེ་འཁོན་དང་བཅས་པར་འགྱུར་བ། ཆུང་མ་དང་རྩོད་པར་འགྱུར་བ། དེའི་མི་དགེ་བའི་ཆོས་མངོན་པར་འཕེལ་བ། དེའི་དགེ་བའི་ཆོས་ཡོངས་སུ་འགྲིབ་པ། དེ་བདག་ཉིད་མ་ཞི་བར་འགྱུར་བ། དེའི་བུ་དང་། ཆུང་མ་མ་བསྲུངས་པར་འགྱུར་བ། དེའི་ནོར་མ་སྦས་མ་བསྲུངས་པར་འགྱུར་བ། དེའི་ཁྱིམ་མ་སྦས་མ་བསྲུངས་པར་འགྱུར་བ། དེའི་སྲོག་མ་སྦས་མ་བསྲུངས་པར་འགྱུར་བ། དེའི་མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དང་། བློན་པོ་དག་ཡིད་འབེབས་པར་མི་འགྱུར་བ་དང་། འགྲན་ཟླ་དང་བཅས་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེས་ནས་གལ་ཏེ་བུད་མེད་དུ་གྱུར་ནའང་འགྲན་ཟླ་དང་བཅས་པའི་ཁྱོ་རྙེད་པར་འགྱུར་རོ། །ཅི་སྟེ་སྐྱེས་པར་གྱུར་ན་དེའི་བུ་དང་། ཆུང་མ་མ་བསྲུངས་པར་འགྱུར་ཏེ། འདོད་པས་ལོག་པར་གཡེམ་པའི་ཉེས་དམིགས་བཅུ་ནི་དེ་དག་ཡིན་པར་རིག་པར་བྱའོ། །
Domain ཆོས་ལུགས།