66228

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་བསྟེན་ལྟར་བཅོས་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གླེང་གཞི་ནི་སྦོམ་དགའ་མོས་གསང་གནས་སུ་ལག་པ་བཅུག་ནས་ཉོན་མོངས་པ་ཞི་བར་གྱུར་གྱི་བར་དུ་བཀྲུས་པས་དེའི་གསང་གནས་སྐྲངས་པར་གྱུར་ཏེ་པུ་ཤེལ་ཙི་དང་ཙན་དན་ལ་སོགས་པའི་བྱུག་པ་ཉེ་གནས་རྣམས་ལ་བླངས་པ་ལས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བའོ། །དགེ་སློང་མས་རང་གི་སོར་མོའི་ཚིགས་གཉིས་ལས་ལྷག་པས་རང་གི་མོ་མཚན་གྱི་ནང་འཁྲུ་བ་ལ་ལྟུང་བྱེད་དུ་འགྱུར་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །དགེ་སློང་མས་རྒྱ་སྐྱེགས་ཀྱི་ཆང་བུ་འདྲ་བའམ། དེའི་གཟུགས་བརྙན་སོར་མོའི་ཚིགས་གཉིས་ལས་ལྷག་པ་རང་གི་མོ་དབང་གི་ནང་དུ་འཁྲུ་བར་བྱེད་པ་ནི། འདོད་པ་བསྟེན་པ་ལྟར་བཅོས་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།