6623

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ (1)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་གསུང་རབ་ནས་གསུངས་པའི་སྡིག་པ་འཆགས་བྱེད་ཀྱི་གཉེན་པོ་སྟོབས་བཞི་ཞེས་པའི་ཡ་གྱལ་གྱི་བཞི་པ་སྟེ། སྡིག་པ་སེལ་བའི་ཆེད་དུ་ལུས་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ། བསྐོར་བ་བྱེད་པ། སྔགས་ཟབ་མོ་བཟླ་བ། ལྷ་བསྒོམ་པ། རྟེན་གསུམ་བཞེངས་པ་སོགས་ལུས་ངག་གི་ཀུན་སྤྱོད་ལ་བརྟེན་ནས་བསོད་ནམས་དགེ་བའི་ལས་གསོག་པའོ། །
Domain ཆོས་ལུགས།