6624

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉེན་པོ་གཞི་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་མཁྱེན་གོ་རམས་པས། མཚན་ཉིད་ནི། གཞི་ལམ་འབྲས་གསུམ་གང་རུང་ལ་མཚན་མར་འཛིན་པའི་མཚན་འཛིན་གྱིས་མ་བཅིངས་པའི་བྱང་འཕགས་ཀྱི་མཁྱེན་པ། ཞེས་སྦས་དོན་རབ་གསལ་ལས་གསུངས་སོ། །པཎ་ཆེན་ཤཱཀ་མཆོག་གིས། མཚན་འཛིན་གྱི་ས་བོན་དངོས་སུ་འཇོམས་ནུས་པའི་བྱང་སེམས་ཀྱི་གཞི་ཤེས་དེ། གཉེན་པོ་གཞི་ཤེས་ཀྱི་མཚན་ཉིད་དོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།