66272
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁྱབ་འཇུག་གི་བུ་སྟེ། འདོད་ལྷའི་གཙོ་བོ་ཡིན་པས་སོ། ། |
Synonyms | འདོད་ལྷ། ཀུན་རྟོག་སྐྱེ་གནས། ཀུན་སྦྱོར་ཅན། འཁོར་བའི་བླ་མ། དགའ་མ་དགའ་བྱེད། དགའ་མའི་བདག་པོ། དགའ་རབ་དབང་ཕྱུག འགྲོ་རྩེན། སྒེག་པའི་སྐྱེ་གནས། སྒྲ་བྱེད། མཆོག་དགྲ། ཉ་ཡི་ཏོག་ཅན། ཉི་མའི་མདའ། དུས་རྩེན། བདག་ལས་སྐྱེས། བདུད་ལྔ་བ། བདུད་སྡིག་ཅན། བདེ་འཇོམས། མདའ་ལྔ་བ། ནག་པོ་སྐྱེས། སྦྲང་རྩིའི་ཁ་ལོ་བ། སྦྲང་རྩིའི་སྒྲོན་མ། མ་འགགས་པ། མེ་ཏོག་ཏོག མེ་ཏོག་མདའ་ཅན། མྱོས་བྱེད། རྩེ་དགའི་བླ་མ། ཚངས་སྐུལ། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ། གཞན་ལས་མ་སྐྱེས། ཡིད་སྲུབས་བདག་པོ། རབ་སྟོབས། རོལ་རྩེད་དགའ་བ། ལང་ཚོ་འབྱེད་པོ། ལུས་སྐྱེས་གཡོན་ཅན། ལུས་འཁོགས་གཞི། ལུས་མེད། གཤོལ་གྱིས་རྩེ་བ། གསོད་བྱེད། འདོད་པའི་དབང་ཕྱུག འདོད་པའི་ཕོ་ཉ། ཀ་མ་དེ་བཿ། ཀུན་རྟོག་བྱུང་། འདོད་པ། དྲན་པ། དྲན་པའི་ཤིང་རྟ། འདོད་པའི་ཟམ་པ། འདོད་ཆགས་ཟམ་པ། འདོད་སྤྱོད། འདོད་བྱེད། འདོད་ཆགས་སྒྱུར་བྱེད། འདོད་ཆགས་ཕྱེ་མ། འདྲེས་བྱེད། ལག་བཅངས། བལྟས་པས་འཁྲིག་པ། འགྲོ་བའི་ཤིང་རྟ། སྦྲང་རྩི་དགའ། དགའ་བྱེད། རབ་དགའ་བྱེད། བདུད་དགའ་རབ་དབང་ཕྱུག ཨི་མིང་ཅན། ཆུ་སྲིན་རྒྱལ་མཚན། ཆུ་སྲིན་མཚན་པ། ཉ་ཡི་ཚིགས། བདག་ལས་བྱུང་། བདག་གི་གནས། ཞི་མཐར་བྱེད། མཚོན་ཆ་ལྔ་བ། མི་བཟད་མདའ། མི་བཟད་མཚོན་ཆ། མཚོན་ཆའི་གཟུགས། མེ་ཏོག་གཞུ་ཅན། འཆི་བདག་གཙུག་ཕུད། མྱོས་སྲུབ། རྩེད་མོ་ཅན། ཚངས་སྤོང་། ཚངས་བཅོམ། གཞན་མ་སྐྱེས། ཡིད་ལས་སྐྱེས། ཡིད་ལས་བྱུང་། ཡིད་སྲུབ། ཡིད་ཀྱི་སྲུབས་ཤིང་། འཇིགས་བྱེད། སྙེམས་བྱེད། དྲེགས་བྱེད། སྲེད་བྱེད། གཡོན་སྐྱེས། གཡོན་ཅན། རྒས་བྱེད། ལུས་མེད་བདག་པོ། ཁམས་མེད། དཀའ་ཐུབ་དགྲ། སྡོམ་པའི་དགྲ། |
{{#arraymap:འདོད་ལྷ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། འདོད་པ་དང་ལྡན་པའི་ལྷ་དྲུག་པོའི་ལུས་ཚད་ནི་རྒྱལ་ཆེན་རིས་བཞི་པ་རྒྱང་གྲགས་བཞི་ཆ་གཅིག་ཡིན་པ་ནས་སུམ་ཅུ་རྩ་གསུམ་པ་རྒྱང་གྲགས་ཕྱེད་དང་། འཐབ་བྲལ་བ་བཞི་ཆ་གསུམ་དང་། དགའ་ལྡན་པ་གཅིག་དང་། འཕྲུལ་དགའ་བ་གཅིག་དང་བཞི་ཆ་དང་། གཞན་འཕྲུལ་དབང་བྱེད་པ་རྒྱང་གྲགས་དག་ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད་པར་བྱའོ། །ཞེས་དང་། འདོད་པའི་ལྷ་རྣམས་ཀྱི་ཚེ་ཚད་ནི་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་འདོད་པ་དག་གི་ལྷ་རྣམས་ལས་ཐམས་ཅད་ཀྱི་འོག་མ་རྒྱལ་ཆེན་རིས་བཞི་པའི་ལྷ་དག་གི་ཉིན་ཞག་གཅིག་ཏུ་བརྩིས་པའི་ཞག་སུམ་ཅུ་ལ་ཟླ་བ་གཅིག་དང་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་པ་དེས་ན་ཚེའི་ཚད་རང་གི་ལོ་ལྔ་བརྒྱའོ། །རྒྱལ་ཆེན་རིས་བཞིའི་གོང་མ་སུམ་ཅུ་རྩ་གསུམ་པ་ལ་སོགས་པ་ནི་ཞག་དང་ལོ་གཉིས་ཀ་ཉིས་འགྱུར་རོ་སྟེ། འདི་ལྟར་སུམ་ཅུ་རྩ་གསུམ་པ་རྣམས་ནི་མིའི་ལོ་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཐུབ་པ་ནས་གཞན་འཕྲུལ་དབང་བྱེད་པས་མིའི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་པའི་བར་དུའོ། །གལ་ཏེ་སུམ་ཅུ་རྩ་གསུམ་ཡན་ཆད་ན་ཉི་ཟླ་མེད་པས་ཉིན་མཚན་མེད་པའི་ཕྱིར་ཞག་ལ་སོགས་པ་རྣམ་པར་བཞག་པ་དང་སྣང་བའི་བྱ་བ་ཡོད་པར་མི་འགྱུར་རོ་ཞེ་ན། ཉི་ཟླ་མེད་ཀྱང་ཉིན་མཚན་ཡོད་དེ། དུས་ཀྱི་དབང་གིས་མེ་ཏོག་ཁ་ཟུམ་པ་དང་བྱ་སྐད་མི་འབྱིན་པ་དང་གཉིད་བྲོ་བ་ན་མཚན་མོ་དང་། མེ་ཏོག་ཁ་བྱེ་བ་དང་། བྱ་སྐད་འབྱིན་པ་དང་གཉིད་སངས་པ་ནི་ཉིན་མོ་ཡིན་པའི་ཕྱིར་རོ། །སྣང་བའི་བྱ་བ་ནི་རང་གི་ལུས་ལ་འོད་ཡོད་པས་བྱེད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:འདོད་ལྷ་
|; |@@@ | | }}