66275

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་ལྷ་རིས་དྲུག་ (1)
Part of speech མིང་ཚིག
Definition མདོ། འདོད་པའི་ཁམས་སུ་གཏོགས་པའི་ལྷ་རྣམས་ཏེ། རྒྱལ་ཆེན་རིགས་བཞི་པ། སུམ་ཅུ་རྩ་གསུམ་པ། འཐབ་བྲལ་བ། དགའ་ལྡན་པ། འཕྲུལ་དགའ་བ། གཞན་འཕྲུལ་དབང་བྱེད་པ་སྟེ་དྲུག་གོ །དེ་དག་གི་གནས་རྣམས་ཀྱི་བར་ཐག་ནི། རྒྱལ་པོ་བཞིའི་གནས་ནས་དཔག་ཚད་བཞི་ཁྲི་གནས་འོག་མ་འཛམ་བུ་གླིང་ཡོད། ཇི་སྲིད་པ་དེ་ནས་དེ་ཡི་གོང་མ་སུམ་ཅུ་རྩ་གསུམ་པ་དེ་སྲིད། སུམ་ཅུ་རྩ་གསུམ་པ་ནས་འཛམ་བུའི་གླིང་གི་བར་ཇི་སྲིད་དེ་ནས་གོང་འཐབ་བྲལ་གྱི་བར་ནས། ཤིན་ཏུ་མཐོང་ནས་འོག་མ་འཛམ་བུའི་གླིང་དུ་ཇི་སྲིད་གོང་ནས་འོག་མིན་པའི་གནས་སུ་ཡང་དེ་སྲིད་ཡིན་པས་ཤེས་པར་བྱའོ། །
Domain ཆོས་ལུགས།